ཁ་བའི་འདབ་མའི་རླུང་འཕྲིན་ཐོག་གི་གླེང་མོལ།

Sylvia Global Media Network

ཁ་བའི་འདབ་མའི་རླུང་འཕྲིན་ཐོག་གི་གླེང་མོལ།

དེི་རིང་གཙོ་བོ་ཕྱིའི་རྒྱལ་ཁབ་ན་སློབ་ཆེན་འགྲིམས་བཞིན་པའི་བོད་ཀྱི་བུ་མོ་ཞིག་གི་འཚོ་བ་དང་མི་ཚེའི་དམིགས་ཡུལ་ཕྱོགས་ལ་རྒྱུས་ལོན་མདོར་བསྡུས་ཞིག་བྱེད་རྒྱུ་ཡིན་། ང་ཚོས་དྲི་བ་འགའ་བརྒྱུད་དེ་མོ་རང་གི་ལྟ་རྒྱ་མཐོང་རྒྱའམ་ཡང་ན་བསམ་བློའི་འཁོར་ཕྱོགས་ཏེ་བོད་ནང་ལོགས་ཏུ་སྡོད་པའི་གཞོན་ནུ་མ་དེ་ཚོ་དང་མི་མཐུན་པའི་ཁྱད་ཆོས་སམ་ཡང་ན་མི་འདྲ་ས་ག་འདྲ་ཞིག་ཡོད་པ། དེིིའི་མ་ཟད་མོ་རང་གིའི་མ་འོངས་པ་ལ་བོད་མི་རིགས་ལ་ཕན་ཐོགས་པའི་བྱ་བ་གང་འདྲ་ཞིག་སྒྲུབ་འདོད་པའི་འདུན་པ་དེ་དེ་རིང་་ང་ཚོ་དང་མཉམ་དུ་དཀལ་མོལ་་གནང་རྒྱུ་ཡིན། ད་དུང་མོ་རང་གི་དྲིན་ཆེན་ཕ་མ་དང་དགེ་བའི་བཤེས་གཉེན་དག་གི་བཀའ་དྲིན་དང་རྒྱབ་སྐྱོར་འོག་ཐོབ་པའི་སློབ་སྦྱོང་གི་གོ་སྐབས་བཟང་བོ་འདི་ལ་དམ་འཛིན་བྱས་ཏེ་མ་འོངས་པར་ཇི་ལྟ་བུའི་ཕུགས་བསམ་ཞིག་མངོན་འགྱུར་བྱེད་རྒྱུ་སོགས་དང་ མཇུག་མཐར་མོ་རང་གིས་སློབ་གསོ་ཐད་ཀྱི་གལ་ཆེན་རང་བཞིན་དང་སློབ་སྦྱོང་གི་གོ་སྐབས་དབེན་པའི་བོད་ཀྱི་གཞོན་ནུ་མ་དེ་ཚོར་སྐུལ་སློང་དང་མ་འོངས་པར་རོགས་རམ་ཅི་འདྲ་ཞིག་བྱེད་འདོད་པའི་རེ་བ་ སོགས་དེ་རིང་གི་གླེང་མོལ་ཐོག་ཏུ་ཁ་བརྡ་བྱེད་རྒྱུ་ཡིན།


ཁ་བའི་འདབ་མའི་རླུང་འཕྲིན་ཐོག་གི་གླེང་མོལ།

Thursday, Feb. 13th, 4pm

This is an online event.

UNESCO's World Radio Day Welcomes Jampa, host of Snowflake


གཡང་དྲུང་མཚོ།

ང་ནི་འཛམ་བུ་གླིང་གི་ཆེས་མཐོ་སར་སྟེ་དུས་བཞིར་ཞུ་མེད་ཀྱི་གངས་རི་ར་བའི་མཐའ་ནས་བསྐོར་བའི་བོད་ཁ་བའི་ལྗོངས། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་རྒྱུ་རྩལ་ཐང་གའི་ཕ་ས་སྟེ་རེབ་སྐོང་གསེར་མོ་ལྗོངས་ཞོ་འོང་ཉིན་ཐ་སྡེ་བ་ནས་ཞིང་བ་དཀྱིས་མ་ཞིག་གི་ཁྱིམ་ནས་འཚར་ལོངས་བྱུང་ཞིང་མིང་ལ་གཡང་དྲུང་འཚོ་ཟེར། བྱིས་པ་གསུམ་གྱི་ནང་བུ་གཅིག་ཀྱང་མེད་པའི་ཕ་མ་གཉིས་ལ་མཚོན་ན་བུ་ཞིག་ཡོད་འདོད་པ་ནི་སྐོམ་པ་ཆུ་འདོད་པ་བཞིན་ཡིན་པ་སྨོན་མ་དགོས་མོད་འོན་ཀྱང་ཁོང་གཉིས་ཀྱིས་དོན་འདིའི་ཆེད་དུ་ང་ཚོ་བུ་མོ་གསུམ་ལ་ལེབདའ་གཏན་ནས་བྱས་མ་མྱོང་། ད་དུང་ཁྱིམ་ཚང་གཞན་པའི་ཕ་མ་དང་མི་འདྲ་བར་ཁྱིམ་ལས་དང་དཔལ་འབྱོརའི་དཀའ་ཁག་ཇི་འདྲ་ཆེ་རུང་། ཐ་ན་གཉེན་ཉེ་རིང་སོགས་ཀྱི་ཁ་བརྡ་གང་མང་བྱས་རུང་ང་ཚོ་གསུམ་པོ་རིག་པའི་གླིང་ལ་བསྐྱལ་བའི་བླ་མེད་ཀྱི་འདུན་པ་དང་སྙིང་སྟོབས་དེ་ཅིས་ཀྱང་བཀག་ཐུབ་མེད། དེར་བརྟེན་དྲིན་ཆེན་ཕ་མ་དང་དགེ་རྒན་དམ་པ། གྲོགས་པོ་དག་གི་རྒྱབ་སྐྱོར་དང་སྐུལ་ཅག་ཁྲོད་ང་རང་ཉིད་ཕ་ཡུལ་ན་ལུས་པའི་ན་མཉམ་བུ་མོ་གཞན་དག་དང་མི་འདྲ་བར་མུ་མཐུད་དུ་སློབ་གྲྭའི་འཚོ་བ་རོལ་ཐུབ་པའི་བསྐལ་བ་ལྡན། ལྷག་པར་དུ་སྤྱི་ལོ་༢༠༡༢ལོར་ང་རང་བྷང་ག་ལ་རྒྱལ་ཁབ་ཀྱི་ཡ་གླིང་བུ་མོ་སློབ་ཆེན་ལ་འགྲིམས་ཐུབ་པའི་གོ་སྐབས་བཟང་བོ་ཞིག་ལྡན་བྱུང་བ་དང་དུས་ད་ལྟ་སློབ་ཆེན་འདིར་ལོ་རིམ་དང་པོའི་སློབ་མ་ཞིག་ཡིན། ང་རང་ཉིད་ཆུང་དུས་ནས་ཕྱིའི་རྒྱལ་ཁབ་ལ་འགྲིམས་པ་དང་མི་གཞན་པ་ལ་རོགས་རམ་བྱེད་འདོད་པའི་འདུན་པ་ཆེན་པོ་ཞིག་ཡོད་མོད་འོན་ཀྱང་ཁྱིམ་གྱི་དཔལ་འབྱོརའི་གནས་བབས་དང་ཁོར་ཡུག་གི་དབང་གི་རྐྱེན་གྱིས་དེ་དག་ཚང་མ་ནི་མངོན་འགྱུར་འབྱུང་མི་སྲིད་པའི་འཕྲུལ་སྣང་ཙམ་ལས་རང་གི་ཕུགས་བསམ་ཞིག་དུ་ངོས་བཟུང་མ་མྱོང་། དེ་བས་སློབ་ཆེན་ནས་མཐར་བྱིན་རྗེས་དགེ་རྒན་ཞིག་གི་ལས་སྣེ་ཞུགས་ཏེ་རང་གི་མི་ཚེ་བསྐྱལ་རྒྱུ་ནི་ང་རང་ཕྱིའི་རྒྱལ་ཁམས་འདིར་མ་ཡོང་སྔོན་གྱི་ཕུགས་བསམ་དང་མི་ཚེའི་དམིགས་འབེན་ཡིན། ཡིན་ནའང་ཁོར་ཡུག་དང་ཆ་ལུགས་གསར་བ། རྒྱལ་ཁབས་མི་འདྲ་བ་གང་མང་ནས་ཐོན་པའི་དགེ་བའི་གཤེས་གཉེན་དང་སློབ་གྲོགས་སོགས་མི་མང་པོ་ཞིག་དང་འབྲེལ་འདྲིས་བྱས་པ་བརྒྱུད་ནས་ང་རང་ཉིད་ཀྱི་བསམ་བློ་དང་མཐོང་ཐོས། ཕུགས་བསམ་སོགས་ལ་སྔོན་ལས་འཕེལ་རྒྱས་དང་འགྱུར་བ་མང་པོ་ཞིག་བྱུང་སོང་། ཤེས་བྱ་ནི་ཚད་དཀའ་བའི་རྒྱ་མཚོ་ཆེན་པོ་དང་འདྲ་བས་ང་རང་གི་འདོད་པ་སློབ་ཆེན་མཐར་ཕྱིན་རྗེས་ད་དུང་མུ་མཐུད་དུ་སློབ་གཉེར་བྱ་རྒྱུ་དང་རིག་གནས་གསར་བ་དང་ཉམས་མྱོང་མང་པོ་བསྡུ་ལེན་བྱས་ཏེ་མ་འོངས་པར་རང་ནུས་ལ་བརྟེན་ནས་མའི་རིགས་ལ་སྲིད་ཞུ་རེ་སྒྲུབ་ཐུབ་པའི་མི་ནུས་ལྡན་ཞིག ལྷག་པར་དུ་རང་གི་ཕ་ཡུལ་གངས་རིའི་ལྗོངས་ཆེན་པོ་འདིའི་རྗེས་རབས་པའི་སྐྱེས་མ་རྣམས་ཤེས་རིག་གླིང་ལ་མཇུག་ཐུབ་པའི་གོ་སྐབས་ཤིག་བརྩོན་ལེན་བྱ་རྒྱུ་ནི་ང་རང་གི་མི་ཚེའི་དམིགས་འབེན་ཆེན་པོ་གཅིག་ཡིན་ལ་ཤེས་བྱ་འདི་སློབ་པའི་དགེ་བ་ཡང་ཡིན་བསམས།


Sylvia Global Media Network

Positive Media for WORLD Thinkers, Doers & Donors